2013年5月12日星期日

ལག་པ། ལག་པ།


ལག་པ།     ལག་པ།

__________འགྲེལ་བ་ཅན་གྱི་མྱི་སྐད་འགའ་ཤས།
ལག་པ་གནམ་ལ་བཀྱཊ་པའི་སྟངས་ཀ་འདི།།
ཉི་མ་རུམ་ལ་རེ་བའི་མིག་ཟུང་ཡིན།།


ལག་པས་བྲང་ཁོག་རྡུང་བའི་རྣམ་འགྱུར་འདི།།
རང་རྐུབ་རྡོ་ལ་འཁེལ་བའི་དཔང་ཡིག་ཡིན།།

ལག་པ་སྡོད་དུ་དབེན་པའི་རྐུན་འཁྱམ་འདི།།
ཁ་ཕྱོགས་མེད་པའི་མྱི་སྒེར་རིང་ལུགས་ཡིན།།

ལག་པ་ཤ་རུས་ཡིན་པའི་གནས་ལུགས་ཀྱིས།།
དྲི་ངལ་འཐུལ་བར་འབྲས་རྟགས་ཐོན་པ་ཡིན།།

ལག་པ་བདག་མེད་ཡིན་པའི་འུད་ཆེན་ནང་།།
ལག་པས་མ་བཟུང་ཆོས་ཤིག་འདི་ན་དབེན།།
____________མ་ཡུམ་དུས་ཆེན་ཉིན་ཐོལ་གྱིས་བྲིས།

0 评论:

发表评论

དགོངས་ཎུལ་ཅི་ཡོད་གསུངས་རོགས།

བསྒྲགས་གཏམ།

ངོ་སྤྲོད་ཟེར་ན་ཅང་མི་གདའ། གང་ལྟར་ང་རང་ཉིད་ལམ་ལ་ཆས་བཞིན་ཡོད་པས་ལམ་འགྲོ་བ་ཞིག་ཡིན་ཞེས་བཤད་དགོས་པ་མི་འདུག་སྙམ། རྒྱུ་མཚན་དེའི་ཕྱིར། ཞབས་འདྲེན་ཞུས་རབས་དང་། ཞབས་རྗེས་བཞག་མྱོང་བའི་སྐད་ཆ་ཅི་ཡང་འཆད་རྒྱུ་མེད།

འདྲ་རིས། ལི་ཐང་ངག་དབང་དབྱིག་གཉེན།

ཀློག་མང་བའི་རྩོམ་ཡིག

དྲྭ་ཚུགས་འདི་བཀླགས་གྲངས།