2013年5月2日星期四

གོད་ཆག གོད་ཆག


གོད་ཆག    གོད་ཆག

____________གཡག་རྔའི་གོད་ཆག་ལ་བྲིས།
རྟོགས་བཏཊ་རྨི་ལམ་མ་ཡལ་གོང་།།
མལ་ཁྲི་འགུལ་སྒྲས་མ་ཁྱེར་གོང་།།
ནམ་ཕྱེད་ནང་གི་བརྙན་གཟུཊ་འདིར།།
སྲོག་ལྡན་སུས་ཀྱང་བལྟ་ལ་བྲེལ།།

ཁྱིམ་བརྙན་ཚལ་བར་མ་གཤཊ་གོང་།།
ནང་མྱི་ཁ་འཐོར་མ་སོང་གོང་།།
མལ་དྲོད་ནང་གི་ཧུར་སྒྲ་དེར།།
སྲོག་ལྡན་སུས་ཀྱང་ཉོན་ལ་བྲེལ།།


ཨ་ཕའི་གཉེར་རིས་མ་ཡལ་གོང་།།
ཨ་མའི་བརྩེ་བ་མ་བོར་གོང་།།
ཕྲུ་གུའི་ཀུན་སྤྱོད་ཡག་མོ་འདིར།།
སྲོག་ལྡན་སུ་ཡང་གློ་བ་དགའ།།


མི་རྟག་འོད་ཀྱི་སྟངས་ཀ་འདི།།
མི་རིང་བ་ཞིག་བརྟོལ་ཡོང་ནས།།
གློ་བུར་འགུལ་བའི་ཀུན་བཟོད་འདིས།།
གློ་བ་གང་མང་བཙོན་གྱིས་བཅག།

ལྡིར་སྒྲ་གང་མང་རྣ་ལ་ཐིམ།།
ཐལ་བ་མང་པོ་གནམ་ལ་མཆོད།།
གློ་སྙིང་དག་ལ་སྐྲག་སྣང་བསླངས།།
མི་རྟག་པ་འདི་བཙོན་པ་ལ།།

སྔོན་པོ་གནམ་གྱིས་ལྟད་མོ་བལྟས།།
དོག་མོའི་ས་རུ་སྐྱོ་དབྱངས་འཐེན།།
ཆ་མི་མཉམ་པའི་འཇིག་རྟེན་འདིར།།
བསམ་ན་དེ་འདྲའི་སྐྱོ་བ་ལ།།

འགྲེལ་མཆན།  པར་རིས་འགས་སེམས་ལ་སྐྱོ་བ་བསླངས་རྗེས་ཤར་མར་བྲིས།

0 评论:

发表评论

དགོངས་ཎུལ་ཅི་ཡོད་གསུངས་རོགས།

བསྒྲགས་གཏམ།

ངོ་སྤྲོད་ཟེར་ན་ཅང་མི་གདའ། གང་ལྟར་ང་རང་ཉིད་ལམ་ལ་ཆས་བཞིན་ཡོད་པས་ལམ་འགྲོ་བ་ཞིག་ཡིན་ཞེས་བཤད་དགོས་པ་མི་འདུག་སྙམ། རྒྱུ་མཚན་དེའི་ཕྱིར། ཞབས་འདྲེན་ཞུས་རབས་དང་། ཞབས་རྗེས་བཞག་མྱོང་བའི་སྐད་ཆ་ཅི་ཡང་འཆད་རྒྱུ་མེད།

འདྲ་རིས། ལི་ཐང་ངག་དབང་དབྱིག་གཉེན།

ཀློག་མང་བའི་རྩོམ་ཡིག

དྲྭ་ཚུགས་འདི་བཀླགས་གྲངས།